10634

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལི་ཙ་བྱི
Tibetan Definition (ལེགས་སྦྱར) རྒྱ་གར་ཡངས་པ་ཅན་པའི་རིགས་རྒྱུད། དེབ་སྔོན་༧༢ལས། ལི་ཙ་བྱིའི་རིགས་སུ་བྱུང་བ་ནི་ཡངས་པ་ཅན་པའི་རྒྱུད་ཡིན་པའོ། །ཞེས་གསུངས། གཉའ་བཙན་པོ་ནས་སྲོང་བཙན་སྒམ་པོའི་བར་གྱི་བོད་ཀྱི་རྒྱལ་པོ་རྣམས། རྒྱ་གར་གྱི་ཤཱཀྱ་ལི་ཙ་བྱིའི་རིགས་བརྒྱུད་ཡིན་པ་དེབ་སྔོན་སྟོད་ཆ་༦༡ན་གསལ་བར་བཤད་དེ། དེ་ལ་གཉའ་ཁྲི་བཙན་པོ་ཤཱཀྱ་ཆེན་པོ་དང༌། ཤཱཀྱ་རི་བྲག་པ་དང༌། ཤཱཀྱ་ལི་ཙ་བྱི་གསུམ་པོའི་རིགས་གང་ཡིན་པ་ལ་མ་མཐུན་པ་ཡོད་ཀྱང༌། འཇམ་དཔལ་རྩ་བའི་རྒྱུད་ན་སྲོང་བཙན་ནས་དར་མ་ཡན་ཆོད་དུ་ལུང་བསྟན་པ་ཤིན་ཏུ་གསལ་བ་ཞིག་སྣང་ལ། དེའི་སྐབས་སུ་རྩ་བའི་རྒྱུད་ལས། ལི་ཙ་བྱིའི་རིགས་ཡིན་པ་དག་གོ། ཞེས་གསུངས་སོ། །ལིཙྪ་བཱི་ཞེས་བྲིས་པའང་ཡོད་དེ། འདུལ་བ་ལུང་ཕྲན་ཚེགས་ཤོག་གྲངས་༢ན༡ན་སྣང་ཞིང་། གཞན་ཡང་འདུལ་བ་རྣམ་པར་འབྱེད་པའི་ཚིག་རྣམ་པར་བཤད་པ་༨༠བ༤ལས། ལིཙྪ་བཱི་ཞེས་བྱ་བ་ནི་གོ་ལའི་རིགས་ལ་སོགས་པ་དང་འདྲ་བར་རིགས་ཀྱི་མིང་ཡིན་ནོ། །ཞེས་གསུངས་སོ། །