1065

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གནས་སྐབས་གསུམ
Tibetan Definition (བཀའ་བརྒྱུད) མ་དག་པའི་གནས་སྐབས། གཉིས་ལྡན་གྱི་གནས་སྐབས། ཤིན་ཏུ་རྣམ་དག་གི་གནས་སྐབས་དང་གསུམ་མོ། །དང་པོ་དྲི་མ་ཅུང་ཟད་ཀྱང་མ་དག་པའི་གནས་སྐབས་ནི། སེམས་ཉིད་གློ་བུར་གྱི་དྲི་མ་མ་དག་པ་འཆིང་བ་ཀུན་ལྡན་སེམས་ཅན་གྱི་གནས་སྐབས། གཉིས་པ་གཉིས་ལྡན་གྱི་གནས་སྐབས་ནི། རིམ་གཉིས་གཉེན་པོའི་སྟོབས་ཀྱིས་དྲི་མ་ཕྲ་བ་མ་དག་ཀྱང་རགས་པ་དག་པ་ནི། སྦྱོང་བའི་གནས་སྐབས་ཚོགས་ལམ་ནས་ས་བཅུ་རྒྱུན་མཐའི་བར་གྱི་ལམ། གསུམ་པ་ཤིན་ཏུ་རྣམ་དག་གི་གནས་སྐབས་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་སོ། །