10657

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལུང་ཕྲན་ཚེགས་ཀྱི་འགྲེལ་པ
Tibetan Definition (འདུལ་བ) འདུལ་བ་ལུང་ཕྲན་ཚེགས་ཀྱི་རྣམ་པར་བཤད་པ་སློབ་དཔོན་ཚུལ་ཁྲིམས་བསྐྱངས་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་ཤྲཱི་བུདྡྷ་ཤཱནྟི་དང། ལོ་ཙཱ་བ་དགེ་སློང་དགེ་བའི་བློ་གྲོས་ཀྱི་འགྱུར། བསྟན་འགྱུར་༼ ཛུ་པར ༽བཞུགས། ཚིག་འགྲེལ་ལ་དོ་སྣང་ཡོད་པའི་རྣམ་དཔྱོད་ཅན་དག་ལ་ཉེ་བར་མཁོ་བའི་བསྟན་བཅོས་རྩ་ཆེན་ཞིག་ཡིན། ངོས་ནས་ཀྱང་བསྟན་བཅོས་འདི་དང་། འདུལ་བ་གཞི་རྒྱ་ཆེར་འགྲེལ་པ། ལུང་ཞུ་བའི་འགྲེལ་པ་བཅས་ལ་བརྟེན་ནས། སྔོན་བྱོན་གྱི་མཁས་པ་བགྲང་ལས་འདས་པ་དག་གིས་མི་རབས་མང་པོར། བརྡ་རྙིང་གི་རིགས་དང་གཞན་ཡང་རྒྱུན་སྤྱོད་ཀྱི་ཡོངས་གྲགས་ཀྱི་ཐ་སྙད་མང་པོ་ཞིག་གི་ཚིག་དོན་གྱི་མདུད་པ་བཀྲོལ་མ་ཐུབ་པར་མགོ་བོ་རྨོངས་ནས་ལུས་པ་རྣམས་ཀྱི་གསང་བའི་བརྟོལ་ཅིང་། ལེགས་ཆ་ཡང་ཤིན་ཏུ་མང་པོ་བླངས་ཏེ་ཚིག་མཛོད་འདིར་འགོད་འཇུག་བྱས་ཡོད།