10661

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལུང་མ་བསྟན་གྱི་ལྟ་བ་བཅུ་བཞི
Tibetan Definition (དབུ་མ) ལུང་མ་བསྟན་གྱི་ལྟ་བ་བཅུ་བཞི་ནི། ༡ འཇིག་རྟེན་མཐའ་དང་ལྡན་པར་ལྟ་བ། ༢ འཇིག་རྟེན་མཐའ་དང་མི་ལྡན་པར་ལྟ་བ། ༣ འཇིག་རྟེན་མཐའ་དང་ལྡན་མི་ལྡན་གཉིས་ཀར་ལྟ་བ། ༤ འཇིག་རྟེན་མཐའ་དང་ལྡན་མི་ལྡན་གཉིས་ཀ་མ་ཡིན་པར་ལྟ་བ། (བཞི་པོ་དེ་དག་ཕྱི་མའི་མཐའ་ལ་བརྟེན་པ་བཞི་ཟེར) ༥ འཇིག་རྟེན་རྟག་པར་ལྟ་བ། ༦མི་རྟག་པར་ལྟ་བ། ༧ གཉིས་ཀར་ལྟ་བ། ༨ གཉིས་ཀ་མ་ཡིན་པར་ལྟ་བ། (བཞི་པོ་དེ་དག་སྔོན་གྱི་མཐའ་ལ་བརྟེན་པ་བཞི་ཟེར) ༩ དེ་བཞིན་གཤེགས་པ་གྲོངས་ཕན་ཆད་འབྱུང་བར་ལྟ་བ། ༡༠ མི་འབྱུང་བར་ལྟ་བ། ༡༡ གཉིས་ཀར་ལྟ་བ། ༡༢ གཉིས་ཀ་མ་ཡིན་པར་ལྟ་བ། (བཞི་པོ་དེ་དག་མྱང་འདས་ལ་བརྟེན་པ་བཞི་ཟེར) ༡༣ ལུས་སྲོག་ཏུ་ལྟ་བ། ༡༤ ལུས་ཀྱང་གཞན་ལ་སྲོག་ཀྱང་གཞན་ནོ་ཞེས་ལྟ་བ་དང་བཅུ་བཞིའོ། ། (ཕྱི་མ་གཉིས་པོ་དེར་ལུས་སྲོག་ལ་བརྟེན་པའི་ལྟ་བ་གཉིས་ཟེར) རྗེའི་འཇུག་པའི་ཊཱིཀ་ཆེན་དགོངས་པ་རབ་གསལ་ལས་གསུངས་པ་ལྟར་བཀོད་དོ། །ལྟ་བ་དེ་དག་ནི་གྲངས་ཅན་པ་དང་། རྒྱང་འཕེན་པ་དང་། གཅེར་བུ་པ་དང་། གནས་མ་བུ་པ་རྣམས་ཀྱིས་འདོད་པར་བཤད་དོ། །དེ་དག་ལ་ལུང་མ་བསྟན་ཞེས་བརྗོད་པའི་རྒྱུ་མཚན་ནི། གྲངས་ཅན་ལ་སོགས་པས་གང་ཟག་གི་བདག་ལས་བརྩམས་ཏེ། བདག་དང་འཇིག་རྟེན་རྟག་མི་རྟག་སོགས་སུ་དྲིས་པ་ན། རེ་ཞིག་བདག་མེད་བསྟན་པའི་སྣོད་དུ་མི་རུང་བར་དགོངས་ནས། གང་ཟག་གི་བདག་མེད་མ་བསྟན་ཅིང་། ཁྱད་གཞི་མེད་པས་ཁྱད་ཆོས་མི་རུང་བར་དགོངས་ནས། དེ་དག་གང་དུའང་ལུང་དུ་མ་བསྟན་པའམ་ལན་མཛད་པས་ན་དེ་སྐད་ཅེས་བྱའོ། །