10665

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལུང་ཞུ་བ་མ་རྫོགས་པ
Tibetan Definition <བིནཡ་ཨུད་ཏ་ར་གྲན་ཐ> (འདུལ་བ) ཞུ་བ་མ་རྫོགས་པ་ནི་ཡུལ་དབུས་ཀྱི་དགེ་སློང་འགའ་ཞིག་གི་བློ་ལ་སྣང་བའམ། མེས་མ་ཚིག་པར་ཕྱིས་ཐལ་བའི་གསེབ་ནས་རྙེད་པར་གྲགས་པས་དང་པོའི་གཞུང་ལྟར་མ་ཉམས་པ་ཉིད་ཡིན་པས། ཤིན་ཏུ་དག་པར་གསུངས་སོ། །འདི་ལ་ཞུ་བ་ཆུང་ངུ་ཞེས་ཀྱང་བྱ། སྒྲ་བཤད་ནི། ཞུ་བ་ཞེས་པ་ནི་དགེ་སློང་ཨུ་པཱ་ལིའམ་ཉེ་བར་འཁོར་གྱིས་དྲི་བ་ཞུས་པས་ན་དེ་སྐད་ཅེས་བྱ་ལ། མ་རྫོགས་པ་ཞེས་པ་ནི་འདིར་ལྟུང་བ་སྡེ་ལྔ་ལས་སྡེ་ཚན་བཞི་པ་ལྟུང་བྱེད་འབའ་ཞིག་དགུ་བཅུའི་བཅུ་ཚན་གཉིས་པའི་རིམ་པ་གཉིས་སུ་རྩིག་པ་ཡན་ཆད་ཙམ་ཡོད་ཀྱི། དེའི་ལྷག་མ་རྣམས་མ་ཚང་བས་ཞུ་བ་མ་རྫོགས་པ་ཞེས་བྱའོ། །གཞུང་བླ་མའམ་གཞུང་དམ་པར་གྲགས་པ་ཞུ་བ་མ་རྫོགས་པ་ཤློ་ཀ་སུམ་སྟོང་དྲུག་བརྒྱ་དང་བམ་པོ་བཅུ་གཉིས་པ། ལོ་ཙཱ་བ་བནྡེ་ཀླུའི་རྒྱལ་མཚན་ལ་སོགས་པའི་དུས་སུ་བསྒྱུར་བ། སྡེ་དགེ་བསྟན་འགྱུར་༼ ན ༽ཤོག་གྲངས་༡ནས་མཇུག་༩༢མདུན་གཟིགས་ན་རྫོགས་སོ། །རྒྱ་གར་གྱི་སློབ་དཔོན་དགེ་ལེགས་བཤེས་གཉེན་གྱི་ལུང་ཞུ་བའི་འགྲེལ་པ་འདིའང་ཞུ་བ་མ་རྫོགས་པའི་འགྲེལ་པ་ཡིན་ཏེ། བུ་སྟོན་ཆོས་འབྱུང་དེབ་གཟུགས་༢༢༨ལས། གཞུང་བླ་མའི་བྱེ་བྲག་ལུང་ཞུ་བ་མ་རྫོགས་པའི་འགྲེལ་པ། མདོ་སྡེ་འཛིན་པ་དགེ་ལེགས་བཤེས་གཉེན་གྱིས་མཛད་པ་བསྒྱུར་འཕྲོ། ཞེས་གསུངས་སོ། །