10666

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལུང་ཞུ་བ་རྫོགས་པ
Tibetan Definition <བིནཡ་ཨུད་ཏ་ར་གྲན་ཐ> (འདུལ་བ) ཁ་ཆེའམ་ཀསྨི་རིའི་དགེ་སློང་ལས་རྙེད་པའི་གཞུང་བླ་མ་འདི་ལ་ཞུ་བ་རྫོགས་པ་ཟེར། འདི་ཁ་ཆེའི་དགེ་སློང་གི་བློ་ལས་གང་ཐོན་ཞིག་བསྡུས་པ་ཡིན་པས་ཅུང་མ་དག་པར་རྩིའོ། །འདི་ལ་ཤློ་ཀ་ཆིག་ཁྲི་ལྔ་སྟོང་དགུ་བརྒྱ་དང་བམ་པོ་ལྔ་བཅུ་རྩ་གསུམ་ཡོད། ལོ་ཙཱ་བ་བནྡེ་ཀླུའི་རྒྱལ་མཚན་ལ་སོགས་པའི་དུས་སུ་བསྒྱུར་བ། སྡེ་དགེ་བསྟན་འགྱུར་༼ ན ༽༩༢བ༡ན་བཞུགས་སོ། །སྒྲ་བཤད་ནི། ཨུ་པཱ་ལིའམ་ཉེ་བར་འཁོར་གྱིས་དྲི་བ་ཞུས་པས་ན་ཞུ་བ་ཞེས་བྱ་ལ། རྫོགས་པ་ཞེས་པ་ནི་ཆ་ཚང་བའི་དོན་ཏེ། ལུང་རྣམ་འབྱེད་ཀྱི་ལྟུང་བ་སྡེ་ཚན་དང་པོ་བཞི་དང་། གཞི་བཅུ་བདུན་གྱི་ཞུ་བ་རྫོགས་པ་དང་། འདུལ་བྱེད་ལ་སོགས་པ་སྡེ་ཚན་བཅུ་གཅིག་གི་ཆ་ཚང་བར་ཡོད་པས། ཞུ་བ་རྫོགས་པ་ཞེས་བྱའོ། །