10682

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལུས་གཏོགས་དྲན་པ
Tibetan Definition ལུས་དྲན་པ་ཉེར་བཞག ལུས་ལ་དམིགས་པའི་དྲན་པ། སྒྲ་བཤད་ནི། ལུས་སུ་གཏོགས་པའི་ཆོས་ལ་དམིགས་པའི་དྲན་པ་ཡིན་པས་དེ་སྐད་ཅེས་བྱའམ། ལུས་ཀྱི་རྣམ་པ་ལ་དམིགས་པའི་དྲན་པ་ཡིན་པས་ན་དེ་སྐད་ཅེས་བྱའོ། །ཚོམས་ཀྱི་འགྲེལ་པ་༡༣༢བ༡ལས། ལུས་གཏོགས་དྲན་པ་ཞེས་བྱ་བ་ནི་ལུས་ཀྱི་རྣམ་པ་ཡིན་པས་ལུས་གཏོགས་ཏེ་ལུས་ལ་དམིགས་པའོ། །ཞེས་གསུངས། ཚོམས་ལས། གང་ཞིག་ལུས་གཏོགས་དྲན་པ་དག །རྟག་ཏུ་ལེགས་པར་བརྩམས་པ་དང་། །བྱ་བ་མ་ཡིན་མི་བྱེད་ཅིང་། །རྒྱུན་དུ་བྱ་བ་བྱེད་པ་དང་། །དྲན་དང་ཤེས་བཞིན་ལྡན་པ་དེའི། །ཟག་པ་རྣམས་ནི་ཟད་པར་འགྱུར། །ཞེས་གསུངས་སོ། །