10689

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལུས་ཕྲ་མ་ཡི་མཛེས་པའི་མཚན་མ་བཅོ་བརྒྱད
Tibetan Definition ༡ ཁ་དོག་དཀར་ལ་དམར་གདངས་ཆགས་པའམ་སྔོ་སངས། ༢ མིག་མཐོན་མཐིང་དཀར་ནག་འབྱེད་ཅིང་མིག་རྩ་དམར་ཞིང་དཀྱུས་རིང་བ། ༣ པད་མ་གཞོན་ནུ་འདྲ་བ་སྣ་ཡི་གཟེངས་མཐོ་ཞིང་རིམ་པར་འཚམ་པ། ༤ མཆུ་བིམྦྷ་ལྟར་དམར་བ། ༥ འགྲམ་པ་མ་རྙོང་ཞིང་ཡོངས་སུ་རྒྱས་པ། ༦ མཁུར་ཚོས་དགའ་བར་བྱེད་པའི་རི་མོའི་ཐིག་ལེ་ཅན། ༧ སྨིན་མ་རིམ་གྱིས་ཕྲ་ལ་འཇར་ཞིང་གནག་པ། ༨ ནུ་མ་རུས་སྦལ་ལམ་གསེར་གྱི་བུམ་པ་ལྟར་རྒྱས་པ། ༩ དཔུང་པ་ཟླ་བ་རྒྱས་པ་ལྟར་དཀར་ལ་རྒྱས་པ། ༡༠ ནུ་མའི་གཡུར་གྱི་རོ་སྟོད་བག་ཙམ་དགུར་བ། ༡༡ ལག་པ་ཆུ་ཤིང་སྙིང་པོ་འདྲ་བ་བྱིན་གྱིས་ཕྲ་ཞིང་ཟླུམ་པ། ༡༢ ཡན་ལག་གི་རྩ་མི་མངོན་ཞིང་གྱ་གྱུ་མེད་པ། ༡༣ བརླ་མཁྲང་ཞིང་ཟླུམ་ལ་ལྡེམ་པ། ༡༤ རོ་སྨད་རྒྱས་ཤིང་ལྟོ་བ་གཉེར་མ་ཟབ་མོ་གསུམ་དང་ཡིད་ཙམ་རྙོང་པ། ༡༥ རྐེད་པ་ཕྲ་ཞིང་ཟླུམ་པ། ༡༦ རྐང་ལག་འཇམ་ཞིང་མཉེན་པ། ༡༧ སྐྲ་བུང་བ་ལྟར་གནག་ཅིང་མ་འཛིང་པ། ༡༨ བརྗིད་ཆགས་པས་རྒྱན་མི་མངོན་ཀྱང་རྒྱན་གྱིས་ལྷག་པར་མཛེས་པ་དང་བཅོ་བརྒྱད་པོ་འདི་རྣམས་ཐུབ་པའི་སྐྱེས་རབས་བརྒྱ་པ་ལས་བཤད། ཅེས་ཀློང་རྡོལ་བླ་མ་གསུང༌།