1070

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གནོད་སེམས
Tibetan Definition 2 ཁོང་ཁྲོ། ཞེ་སྡང༌། དཔེར་ན་འདོད་པ་ལ་འདུན་པ་དང་གནོད་སེམས་གཉིས་ཞེས་པ་ལྟ་བུ། གནོད་སེམས་ནི་ཞེ་སྡང་ལ་ཟེར་བར། བརྒྱད་སྟོང་པའི་དཀའ་འགྲེལ་གནད་ཀྱི་ཟླ་འོད་དང༌། སྙིང་པོ་མཆོག་གཉིས་ཀ་ན་གསལ། གཞན་ཡང་ཀླུ་སྒྲུབ་ཀྱི་ཆོས་དབྱིངས་བསྟོད་པ་ལས། འདོད་དང་གནོད་སེམས་ལེ་ལོ་དང་། །རྒོད་པ་དང་ནི་ཐེ་ཚོམ་སྟེ། །སྒྲིབ་པ་ལྔ་ཡིས་བསྒྲིབས་པར་གྱུར། །ཞེས་གསུངས་པ་ལྟར་རོ། །