From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
| གནོད་སྦྱིན
|
| Tibetan Definition
|
<ཡཀྵ> 1 ཕན་གནོད་གཉིས་ཀ་བྱེད་པའི་ལྷ་འདྲེའི་རིགས་ཤིག ངག་སྒྲོན་འགྲེལ་པར་གནོད་སྦྱིན་ཞེས་པ་གདོན་དང་ལྷ་བྱེ་བྲག་ཅེས་བཤད། སྒྲ་བཤད་ནི། གཞན་ལ་གནོད་པ་བྱེད་པ་དང་ཀུན་གྱིས་དེ་ལ་མཆོད་སྦྱིན་བྱེད་པའི་ཆ་ནས་གནོད་སྦྱིན་ཞེས་བཏགས་སོ། །བྱེ་བྲག་རྟོགས་བྱེད་འབྲིང་པོ་༡༥༥ མདུན་གཟིགས་ལས། ཡཀྵ་ཞེས་བྱ་བ་བྱཀརཎ་ལས་ཡཀྵ་པཱུཛ་ཡིན་ཞེས་འབྱུང་སྟེ། ཀུན་གྱིས་མཆོད་ཅིང་སྦྱིན་པ་ལ་བྱ། ཚིག་བཞིན་དུ་དྲངས་ན་ཡཀཙིདཀྵིནཱནྟཱཏཀྵ་ཞེས་བྱ་སྟེ།ཡཀཙིདནི་སུ་ཡང་རུང་བ་ལ་བྱ།ཀྵིནྣནཱཏཱིནི་གནོད་པར་བྱེད་པ་ལ་བྱ་སྟེ། གཉི་གའི་དོན་དང་སྦྱར་ནས་གནོད་སྦྱིན་དུ་བཏགས། ཞེས་གསུངས། རྒྱལ་བ་བསྐལ་བཟང་རྒྱ་མཚོའི་དབང་དོན་དེ་ཉིད་ཡང་གསལ་༥༥བ༣ལས། སྒྲ་སྦྱོར་བམ་གཉིས་ལས། སུ་ཡང་རུང་བ་ལ་གནོད་པ་བྱེད་པ་དང་། ཀུན་གྱིས་མཆོད་ཅིང་སྦྱིན་པ་གཉིས་ཀའི་དོན་དང་སྦྱར་ནས་གནོད་སྦྱིན་དུ་བཏགས་ཞེས་བཤད་པ་ལྟར་རྣམ་ཐོས་ཀྱི་སྡེར་གཏོགས་པའི་གནོད་སྦྱིན་དང་། ཞེས་གསུངས། 2 ལྷའི་བྱེ་བྲག་ཅིག་སྟེ། རྗེའི་མདོ་རྩ་བའི་ཟིན་བྲིས་ལས། རྣམ་ཐོས་ཀྱི་འཁོར་དུ་གཏོགས་པའི་རི་རབ་ཀྱི་བྱང་ན་གནས་པའོ། །ཞེས་གསུངས་པ་ལྟར་རོ། །འདུལ་བ་གཞི་རྒྱ་ཆེར་འགྲེལ་ལས། གནོད་སྦྱིན་ཞེས་བྱ་བ་ནི་ལྷའི་གནས་སུ་མཆོད་པར་བྱ་བ་གཏོར་མ་ལེན་པ་རྣམས་སོ། །ཞེས་གསུངས།
|