10711

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལུས་སྲུལ་པོ
Tibetan Definition <ཀཊཔུཏན> གདོན་གྱི་མིང་། མིའི་སྲོག་འཕྲོག་པ་ཁ་སྣ་བྲང་ལ་དོད་པའི་ཡི་དྭགས་ཀྱི་རིགས་ཤིག རྗེ་ཙོང་ཁ་པའི་མདོ་རྩ་བའི་ཟིན་བྲིས་ལ་གཞི་བྱས། ཡི་དྭགས་ཀྱི་བྱེ་བྲག་ཅིག་ཡིན་པར། འདུལ་བ་གཞི་རྒྱ་ཆེར་འགྲེལ་ནའང་གསལ། སྒྲ་བཤད་ནི། གཞན་གྱི་ལུས་རུལ་བར་བྱེད་པས་ན་ལུས་སྲུལ་པོ་ཞེས་བྱའོ། །བྱེ་བྲག་རྟོགས་བྱེད་འབྲིང་པོ་༡༥༥རྒྱབ་གཟིགས་ལས། ཀཊཔུཏན་ཞེས་བྱ་བ་གདོན་གྱི་མིང་སྟེ། ཀཊ་ནི་ལུས། པུཏ་ནི་རུལ་བར་བྱེད་པ་ཡིན་པས་ན་ལུས་སྲུལ་པོ་ཞེས་བྱའོ། །ལུས་སྲུལ་པོ་དང་། སྲུལ་པོ་གཉིས་ཅུང་ཟད་མི་འདྲ་བ་ཡིན་པར་སྣང་སྟེ། འདུལ་བ་གཞི་རྒྱ་ཆེར་འགྲེལ་པ་ལས། སྲུལ་པོ་ཞེས་བྱ་བ་ནི་ཡི་དྭགས་ཀྱི་བྱེ་བྲག་ཉིད་དོ། །ལུས་སྲུལ་པོ་ཞེས་བྱ་བ་ཡང་ཡི་དགས་ཀྱི་བྱེ་བྲག་ཉིད་དོ། །ཞེས་སྲུལ་པོ་དང་ལུས་སྲུལ་པོ་གཉིས་ཐ་དད་དུ་གསུངས་པའི་ཕྱིར་རོ། །