From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
| ལེགས་པར་བྱུང་བ
|
| Tibetan Definition
|
(འདུལ་བ) རབ་ཏུ་བྱུང་བ་དང་དོན་གཅིག ལེགས་པར་བྱུང་བ། རབ་ཏུ་བྱུང་བ། མངོན་པར་བྱུང་བ་རྣམས་དོན་གཅིག ཐོས་པའི་ཚོམས་༡༠༩ལས། ལེགས་པར་ཐོས་དང་ལེགས་སྤྱོད་དང་། །ཁྱིམ་ནས་ “ལེགས་པར་བྱུང་བ” དང་། །སྤོང་བར་བྱེད་པས་རབ་བསྐོར་ཞིང་། །དགེ་སྦྱོང་གི་ནི་རྗེས་མཐུན་ལེགས། །ཞེས་གསུངས་པ་ལྟར་རོ། །རྒྱ་ཆེར་རོལ་པའི་མདོ་ལས། གདོན་མི་ཟ་བར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མིའི་འཇིག་རྟེན་དུ་སྐྱེ་བ་དང༌། “མངོན་པར་བྱུང” ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ་ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། ཞེས་གསུངས་པ་ལྟར་རོ། །དེབ་ཐེར་དམར་པོ་༦ལས། དགུང་ལོ་ཉི་ཤུ་རྩ་དགུ་ཁབ་ཏུ་བཞུགས་ནས། སུམ་ཅུ་པ་ལ་མངོན་པར་བྱུང་སྟེ། དཀའ་བ་ལོ་དྲུག་སྤྱད་ནས་བྱང་ཆུབ་ཀྱི་སྙིང་པོར་གཤེགས་ཏེ། ཞེས་གསུངས་སོ། །
|