10749

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལེགས་སྨོན་གྱི་ཚུལ་ཁྲིམས
Tibetan Definition (འདུལ་བ) 1 སྲིད་པ་འཁོར་བའི་འབྱོར་བ་དང་། ལོངས་སྤྱོད་དང་། བཀུར་སྟི་ལ་ཆགས་ནས་བླངས་པའི་སྡོམ་པ་ལ། ལེགས་སྨོན་གྱི་སྡོམ་པ་ཟེར། དེ་ཡང་སློབ་དཔོན་དབྱིག་གཉེན་གྱི་མཛོད་རང་འགྲེལ་ལས། ལེགས་སུ་སྨོན་པའི་ཚུལ་ཁྲིམས་ནི། སྲིད་པ་དང་། ལོངས་སྤྱོད་དང་། བཀུར་སྟི་ལ་ཆགས་ནས་བསྲུང་བ་གང་ཡིན་པའོ། །ཞེས་གསུངས་སོ། །འདིའི་སྲིད་པ་ཞེས་པ་སྲིད་པ་འཁོར་བའི་འབྱོར་བ་ལ་མཚོ་ཊཱིཀ་མཆན་བུ་བཤད་པ་ལྟར་རོ། །ཡང་ན། ངེས་འབྱུང་གི་བསམ་པས་མ་ཟིན་པར། ཕྱི་མར་ལྷ་མིའི་བདེ་བ་ཙམ་ཞིག་དོན་དུ་གཉེར་ནས་བླངས་པའི་སྡོམ་པ་ལ་ཟེར། མཁས་གྲུབ་ཐམས་ཅད་མཁྱེན་པའི་སྡོམ་གསུམ་རྣམ་གཞག་ཐུབ་བསྟན་བྱི་དོར་༤བ༢ལས། ཕྱི་མར་མི་དང་ལྷའི་བདེ་བ་ཙམ་ཞིག་དོན་དུ་གཉེར་བས་བླངས་པ་ནི་ལེགས་སྨོན་་གྱི་ཚུལ་ཁྲིམས་ཞེས་བྱ། ཞེས་གསུངས་སོ། །2 ཚེ་འདིའི་ལྟོ་གོས་ཀྱི་ཆེད་དུ་བླངས་པའི་སྡོམ་པ། ཀུན་དགའ་བོའི་ཚ་བོ་གཉིས་ལྟ་བུ་ལྟོ་ཕྱིར་རབ་ཏུ་བྱུང་བར་གསུངས། ལེགས་སྨོན་དང་འཇིགས་སྐྱོབ་ཀྱི་ཚུལ་ཁྲིམས་ཀྱི་སྐོར་མཚོ་ཊཱིཀ་ཏུའང་གསལ་བར་གསུངས་པ་མི་སྣང༌ངོ་། །