1076

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གནྡྷོ་ལ
Tibetan Definition (ལེགས་སྦྱར) བོད་སྐད་དུ་བསྒྱུར་ན་དྲི་གཙང་ཁང་ངམ། དྲི་འཛིན་ཁང་སྟེ། གཙུག་ལག་ཁང་མཆོད་རྟེན་གྱི་རྣམ་པ་ཅན་ལ་ཟེར། འགའ་ཞིག་གིས་ “མཆོད་རྟེན་ཆེན་མོ”ཡང་ཟེར། རྡོ་རྗེ་གདན་གྱི་མཆོད་རྟེན་ཆེན་མོ་ལ། རྡོ་རྗེ་གདན་གྱི་གནྡྷོ་ལ་ཞེས་བརྗོད་པ་ལྟ་བུ། དགེ་འདུན་ཆོས་འཕེལ་གྱི་རྒྱ་གར་ནང་པའི་གནས་ཆེན་ཁག་གི་གནས་ཡིག་ལས། གནྡྷོ་ལ་ (མ་དཔེར་གནྡྷུ་ལ་ཞེས་འཁོད་འདུག) བོད་སྐད་དུ་དྲི་གཙང་ཁང་ཞེས་སམ་དབུ་རྩེ་ (རྩེ་མོ) ཞེས་པའོ་ཞེས་འབྱུང་། རྒྱལ་མཆོག་ལྔ་པའི་རང་རྣམ་དུ་ཀཱུ་ལའི་གོས་བཟང་ལས་ཀྱང་། དཀོན་མཆོག་གསུམ་གྱི་རྟེན་གྱི་བཞུགས་གནས་ལ་གནྡྷོ་ལ་ (མ་དཔེར་གནྡྷུ་ལ་ཞེས་འཁོད་འདུག) ཞེས་གསལ། གཙུག་ལག་ཁང་། གནྡྷོ་ལ་ཞེས་པ་དྲི་འཛིན་གྱི་སྐད་དོད་དེ་གཙུག་ལག་ཁང་གི་མིང་ཡིན་པར། བསྟན་དར་ལྷ་རམས་པ་སོགས་ཀྱིས་གསུངས། གནྡྷོ་ལ་ཞེས་པ་དྲི་ཆབ་ལ་ལེགས་སྦྱར་དུ་གནྡྷེ་ཞེས་པའི་ཚིག་དེ་དང་འབྲེལ་བར་མངོན་ནོ། །གནྡྷོ་ལ་ཞེས་པའི་ཐ་སྙད་འདི་དེང་སང་གི་ལེགས་སྦྱར་དང་དབྱིན་སྐད་ཤན་སྦྱར་སོགས་སུ་མི་སྣང་ངོ་། །