10778

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལོ་ཙྪ་བ
Tibetan Definition འཇིག་རྟེན་མིག་སྟེ། སྐད་གཉིས་སྨྲ་བའོ། །རྒྱལ་བའི་བཀའ་དང་བསྟན་བཅོས་ཀྱི་དགོངས་དོན་རང་གིས་དཔྱིས་ཕྱིན་པ་ཐུགས་སུ་ཆུད་པའི་སྒོ་ནས་རང་སྐད་དུ་སྒྱུར་བར་བྱེད་པའི་བཀའ་དྲིན་ཅན་གྱི་བོད་ཀྱི་སྒྱུར་བྱེད་རྣམས་ལྟ་བུ། ངེས་ཚིག་ནི། ལོ་ཙྪ་ནི་ལེགས་སྦྱར་གྱི་སྐད་དེ། བསྒྱུར་ན་འཇིག་རྟེན་མིག་ཅེས་པའོ། །དེ་ཡང་ལོ་ནི་ལོ་ཀ་སྟེ་འཇིག་རྟེན། ཙྪ་ནི་ཙ་སྟེ་ཙཀྵུ་སྟེ་མིག་གོ། ཡི་གེ་བསྡུས་པས་ལོ་ཙྪ་ཞེས་བྱ། བ་ནི་བོད་སྐད་ཀྱི་བདག་སྒྲའོ། །དོགས་གཅོད། ཙ་ལ་ཙྪ་ཞེས་འབྲི་སྲོལ་འདི་སྔར་མང་དུ་སྣང་སྟེ། དཔེར་ན་ཙནྡ་ལ། ཙྪནྡ་ཞེས་བྲིས་པ་དང་། སམུཅཡ་ལ། སམུཙྪ་ཡ་ཞེས་བྲིས་པ་དང་མཚུངས་སོ། །ཙྪནྡ་ནི་འདུན་པ་དང་། སམུཙྪ་ཡ་ནི་ཀུན་བཏུས་ཞེས་པའོ། །ལོ་ཙ་ལ་ལོ་ཙཱ་ཞེས་འབྲི་སྲོལ་ཆགས་པ་ནི་ཕལ་ཆེར་མ་དག་རྒྱུན་འབྱམས་སུ་སོང་བ་ཡིན་སྙམ་ཡང་དཔྱད་དོ། །