10792

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལོག་པར་དད་སེལ
Tibetan Definition སངས་རྒྱས་འཁོར་བ་འཇིག་གི་མཚན་གྱི་རྣམ་གྲངས་ཤིག སྒྲ་བཤད་ནི། ལམ་ལོག་པ་ལ་དགའ་བ་སྤོང་བར་བྱེད་པས་ན་དེ་སྐད་ཅེས་བྱ་སྟེ། དེ་ཡང་མི་དགེ་བ་སོགས་པ་ལམ་ལོག་པ་ལ་དད་པ་སྟེ་དགའ་བ་སེལ་བ་སྟེ་སྤོང་བར་བྱེད་པས་དེ་སྐད་ཅེས་བྱ་སྟེ། བྱེ་བྲག་རྟོགས་བྱེད་འབྲིང་པོའམ་སྒྲ་སྦྱོར་བམ་གཉིས་༼ ཅོ་པ ༽༡༣༤བ༢ལས། སངས་རྒྱས་ཀྱིས་ཆོས་བསྟན་ཅིང་བཤད་པས་མི་དགེ་བ་དང་ལོག་པ་ལ་དད་པ་བསལ་ཞིང་མེད་པར་བྱས་པའི་མཚན་ཏེ། ལོག་དད་སེལ་ཞེས་བྱ། ཞེས་གསུངས་པ་ལྟར་རོ། །