10796

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལོག་པར་ལྟུང་བ
Tibetan Definition 2 དམྱལ་བ། ལོག་པར་ལྟུང་བ་ཞེས་པ་ངན་སོང་གི་མིང་ཡིན་ཀྱང་། དམྱལ་བ་ལ་དམིགས་བསལ་གྱིས་འཇུག་པའི་སྐབས་ཡང་ཡོད་དེ། འདུལ་བ་གཞི་རྒྱ་ཆེར་འགྲེལ་པ་ལས། ལོག་པར་ལྟུང་བ་ནི་དམྱལ་བའི་འགྲོ་བ་སྟེ། སེམས་ཅན་དམྱལ་བ་རེ་རེར་དམྱལ་བ་དག་ཡིན་ནོ། །ཞེས་གསུངས་སོ། །འདུལ་བ་རྣམ་པར་འབྱེད་པའི་ཤིག་རྣམ་པར་བཤད་པ་༼ ཚུ ༽༩༢བ༡ལས། ལོག་པར་ལྟུང་བ་ཞེས་བྱ་བ་ནི་ངན་སོང་དང་ངན་འགྲོའི་འགྲོ་བ་དེ་གཉིས་མི་ལེན་པར་ཐོད་རྒལ་དུ་འདས་ཏེ་སེམས་ཅན་དམྱལ་བ་རྣམས་སུ་ཐལ་བྱུང་དུ་སྐྱེ་བའོ། །ཞེས་གསུངས་སོ། །