From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
| ཀིམྤའི་འབྲས་བུ
|
| Tibetan Definition
|
(འདུལ་བ) མིག་ལ་མཛེས་ཀྱང་ཟོས་ན་འཆི་བར་བྱེད་པའི་དུག་རིགས་ཀྱི་ཤིང་ཐོག་ཅིག འདུལ་བ་རྣམ་པར་འབྱེད་པའི་ཚིག་རྣམ་པར་བཤད་པ་༼ ཚུ ༽༡༡༧ན༥ལས། ཀིམྤའི་འབྲས་བུ་ཞེས་བྱ་བ་ནི་ཤིང་ཀིམྤའི་འབྲས་བུ་སྟེ་མིག་སྔར་སྡུག་ཅིང་གསོད་པར་བྱེད་པ་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། །འདི་ཕྱི་མཛེས་ལ་ནང་བཅུད་ལོངས་སྤྱད་དུ་མི་རུང་བའི་ཤིང་ཐོག་ཅིག་ཀྱང་ཡིན་ཏེ། བཤེས་སྤྲིང་གི་འགྲེལ་པ་༼ ངེ ༽༨༣བ༣ལས། དཔེར་ན་ཀིམྤའི་འབྲས་བུ་ཤུན་པ་ཙམ་ཞིག་བཟང་གི་ནང་ངན་པ་དང་འདྲའོ། །ཞེས་གསུངས། ཀླུ་སྒྲུབ་ཀྱི་བཤེས་སྤྲིང་༤༡བ༦ལས། འདོད་པ་རྣམས་ནི་ཕུང་ཁྲོལ་བསྐྱེད་པ་སྟེ། །རྒྱལ་བའི་དབང་པོས་ཀིམྤའི་འབྲས་འདྲར་གསུངས། །ཞེས་གསུངས་སོ། །
|