10803

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལོག་ཡིག་དྲུག
Tibetan Definition ཊ་ཋ་ཌ་ཎ་ཥ་ཀྵ། ཥའི་ཀློག་ཚུལ་ནི། ཤ་ཥ་ཡར་སྦྱར་ས་ལྟར་བཀླག དཔེར་ན་མཤྩཎྜ་ (ཕྱག་འཚལ་ལོ་གཏུམ་པོ) ལྟ་བུའི་ཤ་དང༌། ཨུཤཎིའ་ཥ་ (གཙུག་ཏོར) ལྟ་བུའི་ཥ་གཉིས་ཡར་སྦྱར་ལ་ས་ལྟར་བཀླག་སྟེ་དཔེར་ན། ན་མསྲ་ཙཎྜ། ཨུསྲ་ཎིའ་ཥ་ལྟ་བུར་བཀླག་གོ། ཡང་ཥ་ནི་ཁ་དང་ཆ་མཐུན་པར། རྐན་གྱི་ཕུགས་ནས་སྟོངས་ཀྱིས་འདོན། །ཞེས་པས་སྟོན་ཏེ། ཥ་ནི་བོད་ཀྱི་ཁའི་གདངས་དང་ཆ་ཅུང་ཞིག་མཐུན་པར། རྐན་གྱི་ཕུགས་ནས་མི་གསལ་བའི་ཚུལ་དུ་སྟོངས་ཀྱིས་འདོན་ལ། བོད་ཀྱི་ཁ་ལྟར་གསལ་བ་ནི་མ་ཡིན་ནོ། །ཞེས་གསུངས། སྣང་ཐང་ལོ་ཙཱ་བའི་སྔགས་ཀྱི་བཀླག་ཐབས་སོགས་ལས་གསུངས། དེང་སང་རྒྱ་གར་བས་ཤ་ཥ་ནི་གཉིས་ཀ་ཤ་ལྟ་བུར་བཀླག་གོ། ལོག་ཡིག་བྱུང་ཚུལ་ནི། སཾ་སྐྲྀ་ཏའི་སྐད། བོད་དུ་གཟུངས་སྔགས་སུ་འགྱུར་དུས། ཡི་གེའི་རྣམ་དཔྱོད་ལ་མཁས་པའི་པཎྜི་ཏ་རྣམས་ཀྱིས་རྟིང་དུ་བཅོས་པར་རྒྱལ་རབས་གསལ་བའི་མེ་ལོང་དུ་གསུངས་པ་ལྟར་རོ། །