1085

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཙང་པའི་ཉ
Tibetan Definition སྔར་གཙང་པ་ཞིག་གིས་ཉ་ཤ་ཞིམ་པོ་ཞིག་ཟོས་དྲགས་ཏེ་སྐྱུག་གྲབས་བྱས་པ་ན། སྐྱུག་པར་ཕངས་ཏེ་སྐེ་ལྷམ་སྒྲོག་གིས་བསྡམས་པའི་གཏམ་དཔེ་ཞིག་སྟེ། ངེད་ཅག་དགོས་པ་ཆུང་ཚེགས་ལའང་ཕངས་ཤིང་འགྱོད་ན། དལ་འབྱོར་ཆུད་ཟོས་སུ་གཏོང་བར་ཅིས་མི་ཕངས་ཏེ་ཕངས་རིགས་སོ་ཞེས་སྙིང་པོ་ལེན་དགོས་པར་གདམས་པའི་དཔེའོ། །དཔེ་ཆོས་རིན་ཆེན་སྤུངས་པའི་འབུམ་འགྲེལ་ནའང་དེ་བཞིན་དུ་གསུངས།