10857

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྔ་བརྒྱ་ཐ་མ
Tibetan Definition སངས་རྒྱས་ཀྱི་བསྟན་པ་ལོ་ལྔ་སྟོང་དུ་གནས་པར་བཤད་པའི་ལྔ་བརྒྱ་པ་ཐ་མ་སྟེ། རྟགས་ཙམ་འཛིན་པའི་ལེའུ་ཞེས་བྱའོ། །ལྔ་སྟོང་ལ་ལྔ་བརྒྱ་པ་ཕྲག་བཅུ་ཡོད་པའི་དེའི་ཐ་མ་ཞེས་པའོ། །ལྔ་བརྒྱ་པ་ཕྲག་བཅུ་པོ་དེ་རྣམས་ལེའུ་བཞིར་བསྡུ་བ་ཡིན་ཏེ། དང་པོ་དགྲ་བཅོམ་པའི་ལེའུ། གཉིས་པ་ཕྱིར་མི་འོང་བའི་ལེའུ། གསུམ་པ་རྒྱུན་ཞུགས་ཀྱི་ལེའུ། དེ་གསུམ་ལ་ཁོང་དུ་ཆུད་པའི་ལེའུ་ཞེས་བྱའོ། །བཞི་པ་ལྷག་མཐོང་གི་ལེའུ། ལྔ་པ་ཏིང་ངེ་འཛིན་གྱི་ལེའུ། དྲུག་པ་ཚུལ་ཁྲིམས་ཀྱི་ལེའུའོ།། དེ་གསུམ་ལ་སྒྲུབ་པའི་ལེའུ་ཞེས་བྱའོ། །བདུན་པ་ཆོས་མངོན་པའི་ལེའུ། བརྒྱད་པ་མདོ་སྡེའི་ལེའུ། དགུ་པ་འདུལ་བའི་ལེའུའོ། །དེ་གསུམ་ལ་ལུང་གི་ལེའུ་ཞེས་བྱའོ། །ལྔ་བརྒྱ་པ་ཐ་མ་ནི། རབ་ཏུ་བྱུང་བའི་རྟགས་ཙམ་ལས་ལྟ་སྤྱོད་རྣལ་མ་དང་མི་ལྡན་པས། རྟགས་ཙམ་འཛིན་པའི་ལེའུ་ཞེས་བྱའོ། །རྒྱས་པར་བུ་སྟོན་རིན་པོ་ཆེའི་ཆོས་འབྱུང་༡༣༤སོགས་སུ་བལྟ་བར་བྱའོ། །