10894

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྕི་བའི་ཆོས་བརྒྱད
Tibetan Definition (འདུལ་བ) ལྕི་བའམ་དཀའ་བའི་ཆོས་བརྒྱད་ནི། ༡ དགེ་སློང་ཕ་ལས་ཟླ་བ་ཕྱེད་ཕྱེད་ཅིང་གསོ་སྦྱོང་གི་གདམས་ངག་ནོད་དགོས་པ། ༢ དགེ་སློང་ཕ་མེད་པའི་གནས་སུ་དབྱར་གནས་བྱེད་མི་ཆོག་པ། ༣ དགག་དབྱེ་བྱེད་པའི་ཚེ་གཉིས་ཀའི་དགེ་འདུན་ལས་བྱེད་དགོས་པ། ༤ དགེ་སློང་མ་བསྙེན་པར་རྫོགས་པའི་ཚེ་གཉིས་ཀའི་དགེ་འདུན་ལས་ཡོངས་སུ་བཙལ་དགོས་པ། ༥ དགེ་སློང་གསར་བུ་ལའང་ཕྱག་འཚལ་དགོས་པ། ༦ དགེ་སློང་ལ་ཅོ་འདྲི་མི་རུང་བ། ༧ དགེ་སློང་ལ་ལྟུང་བ་གླེང་དྲན་བྱེད་མི་ཆོག་པ། ༨ གཉིས་ཀའི་དགེ་འདུན་ལས་མགུ་བ་སྤྱོད་དགོས་པ་དང་བརྒྱད་དོ། །སྒྲ་བཤད་ནི། བྱ་དཀའ་བས་ན་ལྕི་བ་ཞེས་བྱ་སྟེ། ལུང་ཕྲན་ཚེགས་ཀྱི་འགྲེལ་པ་ལས། ལྕི་བའི་ཆོས་ཞེས་བྱ་བ་ལ་ལྕི་བ་ཡང་དེ་ཉིད་ཡིན་ལ་སྡུག་བསྔལ་གྱིས་ཡོངས་སུ་བསྐྱང་བར་བྱ་བ་ཉིད་ཡིན་པའི་ཕྱིར་ཆོས་ཀྱང་ཡིན་པས་ན་ལྕི་བའི་ཆོས་ཡིན་པའམ། དགེ་སློང་གི་ཡུལ་ལ་གུས་པ་སྐྱེད་པར་བྱེད་པ་ཡིན་པའི་ཕྱིར་ལྕི་བའི་ཆོས་ཡིན་ནོ། །ཞེས་གསུངས། འདི་སྐོར་འདུལ་བ་རྣམ་པར་འབྱེད་པའི་ཚིག་རྣམ་པར་བཤད་པ་༼ ཚུ ༽༡༤༤བ༡ལས་གསལ་བར་བཤད་ཡོད་དོ། །