10895

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྕི་བའི་ཆོས་ལས་འདས་པ
Tibetan Definition (འདུལ་བ) ལྕི་ཆོས་བརྒྱད་པོ་དེ་དག་དང་དུ་མི་ལེན་པའམ་མི་བྱེད་པ་ལ་ཟེར། དཔེར་ན་དགེ་སློང་ཕ་ལས་ཟླ་བ་ཕྱེད་ཕྱེད་ཅིང་གསོ་སྦྱོང་གི་གདམས་ངག་མི་ནོད་པ། ༢ དགེ་སློང་ཕ་མེད་པའི་གནས་སུ་དབྱར་གནས་བྱེད་པ། ༣ དགག་དབྱེ་བྱེད་པའི་ཚེ་གཉིས་ཀའི་དགེ་འདུན་ལས་མི་བྱེད་པ། ༤ བསྙེན་པར་རྫོགས་པའི་ཚེ་གཉིས་ཀའི་དགེ་འདུན་ལ་གསོལ་བ་འདེབས་སུ་མི་འཇུག་པ། ༥ དགེ་སློང་གསར་བུ་ཕྱག་མི་འཚལ་བ། ༦ དགེ་སློང་ལ་ཅོ་འདྲི་བ། ༧ དགེ་སློང་ལ་ལྟུང་བ་གླེང་དྲན་བྱེད་པ། ༨ གཉིས་ཀའི་དགེ་འདུན་ལས་མགུ་བ་མི་སྤྱོད་པ་དང་བརྒྱད་ལྟ་བུའོ། །