10902

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྕེ་རྟེན
Tibetan Definition (འདུལ་བ) སྒྱུ་ཐབས། གཡོ་སྒྱུ། ཁག་དཀྲི་བ། ཁག་གཡོག་པ། ཁག་འགེལ་བ། བརྗོད་པའམ་སྙད་འདོགས་པའི་དོན་དུ་བཤད། འདུལ་བ་རྣམ་པར་འབྱེད་པའི་ཚིག་རྣམ་པར་བཤད་པ་༼ ཚུ ༽༥༠ན༧ལས། ལྕེ་རྟེན་གྱིས་ཞེས་བྱ་བ་ནི་སྒྱུ་ཐབས་ཀྱིས་སོ། །ཞེས་གསུངས་སོ། །འདུལ་བ་ལུང་རྣམ་འབྱེད་༼ ཅ་པ ༽༨༣ན༡ལས། གྲུ་བཙས་ཀྱི་ལྕེ་རྟེན་གྱིས་བདེན་པས་མི་མགུ་བ་དག་འཁོད་པས་རྫས་ཐམས་ཅད་འཕྲོག་པར་བགྱིད་པས་ཤོ་གམ་དང་། ལ་གཅན་དང་། གྲུ་བཙས་ཀྱིས་ཡོངས་སུ་ཡི་ཆད་པར་འགྱུར་རོ་ཞེས་མཆིའོ། །ཞེས་གསུངས་སོ། །