10927

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྟ་བ
Tibetan Definition 6 རྟག་ཆད་ཀྱི་མཐའ་གཉིས་སྤངས་པའི་ཤེས་རབ་ལ་ལྟ་བ་ཟེར། འདི་ནི་ལྟ་སྒོམ་སྤྱོད་གསུམ་གྱི་ནང་ཚན་གྱི་ལྟ་བ་དེའོ། །འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས། དགེ་བའི་བཤེས་གཉེན་ཆེན་པོ་སྤོང་ཤོད་ནང་པར་གནང་བའི་གསུང་ཤོག་ལས། རྟག་ཆད་ལྟ་གཉིས་སྤངས་པ་ལྟ༵་བ་སྟེ། །དེ་ཡི་དོན་ལ་རྩེ་གཅིག་འཇོག་པ་སྒོ༵མ། །སྡོམ་གསུམ་ཀུན་སྤྱོད་གཙང་བ་སྤྱོ༵ད་པ་རུ། །ཤེས་པར་གྱིས་ལ་དེ་ལྟར་ཉམས་སུ་ལོངས། །ཞེས་གསུངས་པ་ལྟར་རོ། །