10938

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྟ་བའི་དཔྱད་པ་རྫོགས་པའི་ཚད
Tibetan Definition སྣང་སྟོང་གཉིས་ཡ་མ་བྲལ་བར་གཅིག་གྲོགས་གཅིག་ཏུ་སོང་ན་ལྟ་བའི་དཔྱད་པ་རྫོགས་པ་ཞེས་བྱའོ། །རྗེ་ཙོང་ཁ་པ་ཆེན་པོའི་ལམ་གཙོ་རྣམ་གསུམ་ལས་ཀྱང༌། སྣང་བ་རྟེན་འབྲེལ་བསླུ་བ་མེད་པ་དང༌། །སྟོང་པ་ཁས་ལེན་བྲལ་བའི་གོ་བ་གཉིས། །ཇི་སྲིད་སོ་སོར་སྣང་བ་དེ་སྲིད་དུ། །ད་དུང་ཐུབ་པའི་དགོངས་པ་རྟོགས་པ་མེད། །ནམ་ཞིག་རེས་འཇོག་མེད་པར་ཅིག་ཅར་དུ། །ངེས་ཤེས་ཡུལ་གྱི་འཛིན་སྟངས་ཀུན་འཇིག་ན། །དེ་ཚེ་ལྟ་བའི་དཔྱད་པ་རྫོགས་པ་ལགས། །ཞེས་གསུངས་པ་ལྟར་རོ། །དེས་ན་ལྟ་བ་རྙེད་ན་ལྟ་བའི་དཔྱད་པ་རྫོགས་པས་མ་ཁྱབ་ཅེས་སྨྲ་དགོས་སོ། །གཞན་ཡང་རྗེའི་གསང་རྣམ་རིན་པོ་ཆེའི་སྙེ་མ་ལས། ལྟ་བའི་དཔྱད་པ་རྫོགས་པའི་ཚད་ནི། ལུང་རིགས་ཀྱི་ལམ་ནས་དྲངས་པའི་ངེས་པ་རྙེད་ན་བློས་དེར་ཐག་བཅད་ཀྱང་གཏིང་ནས་མི་བདེ་བའི་རྣམ་པ་མེད་པ་ཞིག་འོང༌། དེ་དུས་དོན་དེ་ལ་དཔྱད་པ་རྫོགས་པ་ཡིན་ནོ། །ཞེས་མགོན་པོ་འཇམ་པའི་དབྱངས་ཀྱིས་གདམས་ཚུལ་གསུངས་པ་ལྟར་རོ། །ཞེས་རྗེའི་བསྟོད་པ་དོན་ལྡན་མའི་འགྲེལ་པར་གསལ།