1094

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཙུག་ལག
Tibetan Definition <པི་ཊཱ་ཀ> 1 རྒྱལ་བའི་བཀའ་དང་དེའི་དགོངས་འགྲེལ་གྱི་བསྟན་བཅོས་ཀྱི་གླེགས་བམ་རྣམས་ལ། གཙུག་ལག་ཟེར། དེ་ཡང་རྒྱལ་བའི་བཀའ་སྤྱི་གཙུག་དང་། བསྟན་བཅོས་རྣམས་ལག་པ་དང་འདྲ་བར་བཤད་དོ། །དེ་བཞིན་དུ་རིག་གནས་ཆེ་ཆུང་གི་གཞུང༌ཐམས་ཅད་ལའང་རིམ་གྱིས་གཙུག་ལག་ཅེས་གྲགས། དཔེར་ན་བརྡ་སྤྲོད་ཀྱི་གཞུང་ལ་བརྡ་སྤྲོད་ཀྱི་གཙུག་ལག་ཅེས་པ་ལྟ་བུ། འདི་དག་ལ་རྗོད་བྱེད་ཚིག་གི་གཙུག་ལག་ཅེས་བྱའོ། །པི་ཊཱ་ཀ་ནི་སྡེ་སྣོད་དང་གཙུག་ལག་གཉིས་ཀའི་སྐད་དོད་ཐུན་མོང་བ་ཡིན་པར་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་གཡའ་སེལ་༡༤༤ན་གསལ་ལོ། །སྒྲ་བཤད་ནི། གུས་པས་སྤྱི་གཙུག་ཏུའམ་ལག་ཏུ་བླང་བར་བྱ་བ་ཡིན་པས་གཙུག་ལག་ཅེས་བྱ་བའམ། ཡང་ན། རྒྱལ་བའི་བཀའ་རྣམས་རྩ་བ་ཆེ་བས་སྤྱི་གཙུག་དང་བསྟན་བཅོས་ལག་པ་དང་འདྲ་བས་དེ་ལྟར་དུ་བཏགས་པའམ། ཡང་ན། ནག་རྩིས་ཀྱི་གཞུང་དུ་བཤད་པ་ལྟར་འཇམ་དཔལ་གྱི་གཙུག་ནས་བཏོན་ཏེ་ལྷ་མོ་རྣམ་རྒྱལ་མའི་ལག་ཏུ་བཞག་པས་ན་གཙུག་ལག་ཅེས་བྱའོ། །ཞིབ་པར་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་གཡའ་སེལ་༡༤༤ན༢ན་གསལ་བས་དེར་བལྟ་བར་བྱའོ། །2 བསླབ་པ་གསུམ་ལ། བརྗོད་བྱ་དོན་གྱི་གཙུག་ལག་ཟེར། དེ་ཡང་ཚུལ་ཁྲིམས་ཀྱི་བསླབ་པ་གཙུག་དང་། ཏིང་ངེ་འཛིན་དང་ཤེས་རབ་ཀྱི་བསླབ་པ་གཉིས་ལག་པར་བཤད་དོ། །