10947

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྟུང་བ
Tibetan Definition (འདུལ་བ) <ཨཱ་པཏྟིཿ> 1 སངས་རྒྱས་ཀྱི་བཅས་པ་མཚན་ཉིད་པ་ལས་འདས་པའི་ཆ་ནས་ཁ་ན་མ་ཐོ་བར་གྱུར་པ། ལྟུང་བ་ཙམ་གྱི་མཚན་ཉིད་དུ་མཚོ་ཊཱིཀ་གསུང་ངོ་། །ལྟུང་བའི་སྐད་དོད་དེ་བྱེ་བྲག་རྟོགས་བྱེད་ཆེན་པོ་༡༢༧ན༤ན་གསལ། སྒྲ་བཤད་ནི། ལྟུང་བྱེད་ཅེས་པའི་ཐད་དུ་གཟིགས། བུ་སྟོན་རིན་པོ་ཆེས། རབ་བྱུང་གིས་སྟོན་པས་བཅས་པ་ལས་འདས་པར་སྤྱོད་པའི་འཆལ་ཚུ་དེ། ལྟུང་བའི་མཚན་ཉིད་དུ་གསུངས་ཤིང་། ཁྱིམ་པ་ལ་ལྟུང་བའི་ཐ་སྙད་མེད་གསུངས་ཏེ། བུ་སྟོན་རིན་པོ་ཆེའི་མདོ་རྩའི་རྣམ་བཤད་༧༣ན༧ལས། ལྟུང་བ་སྤྱིའི་མཚན་ཉིད། རབ་བྱུང་གིས་སྟོན་པས་བཅས་པ་ལས་འདས་པར་སྤྱོད་པའི་འཆལ་ཚུལ་ཏེ། ཁྱིམ་པ་ལ་ནི་ལྟུང་བའི་ཐ་སྙད་མེད་ལ། གཏན་ལ་དབབ་པར་བསྡུ་བར། དགེ་བསྙེན་གྱི་ལྟུང་བ་དང་། དགེ་བསྙེན་མའི་ལྟུང་བ་དང་ཞེས་པ་ནི། རྣལ་འབྱོར་སྤྱོད་པའི་གྲུབ་མཐའོ། །ཞེས་གསུངས་སོ། །2 ལྷུང་བ།