10950

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྟུང་བ་བྱིན་གྱིས་བརླབས་པ
Tibetan Definition (འདུལ་བ) ལྟུང་བ་འཕེལ་མི་ཐུབ་པར་ཉམ་དམས་པར་བྱས་པའམ་འཕེལ་ཁ་གཅོག་པ་སོགས་ལ་ཟེར། སྙིང་པོ་རྒྱན་བསྐྱེད་རིམ་དངོས་གྲུབ་རྒྱ་མཚོ་༡༦བ༡ཏུ་དྲངས་པ་ལས། ཡི་གེ་བརྒྱ་པ་ཆོ་ག་བཞིན། །ཉི་ཤུ་རྩ་ནི་རེ་རེ་བཟླས། །ལྟུང་སོགས་བྱིན་གྱིས་བརླབས་གྱུར་པས། །འཕེལ་བ་རུ་ནི་མི་འགྱུར་ཞེས། །གྲུབ་པ་མཆོག་རྣམས་ཀྱིས་བཤད་པས། །ཞེས་གསུངས་སོ། །བུ་སྟོན་རིན་པོ་ཆེའི་མདོ་རྩའི་རྣམ་བཤད་༧༠ན༡ལས། བྱིན་གྱིས་བརླབས་པ་ནི། ཉེས་པ་ལས་གཏན་མི་བྱུང་ཡང་གནས་སྐབས་དག་པ་ཙམ་མོ། །ཞེས་གསུངས་སོ། །