10956

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྟུང་བྱེད
Tibetan Definition (འདུལ་བ) ལྟུང་བ་དངོས་གཞི་རྫོགས་པ་ཡིན་ཞིང་རང་གི་ངོ་བོའི་ཆ་ནས་ཆོ་ག་བརྗོད་ཚུལ་ལྟུང་བྱེད་ཀྱི་མིང་རིགས་བརྗོད་པས་ཚུལ་བཞིན་དུ་ཕྱིར་བཅོས་ན་འདག་ཏུ་རུང་བ་དེ། ལྟུང་བྱེད་ཀྱི་མཚན་ཉིད་དུ་མཚོ་ཊཱིཀ་ལས་གསུངས། སྒྲ་བཤད་ནི། བྱེད་པ་པོ་ངན་འགྲོར་ལྟུང་བར་བྱེད་པས་ན་ལྟུང་བྱེད་དོ། །ལུང་རྣམ་འབྱེད་༼ ཆ་པ ༽༢༩༢བ༥ལས། ལྟུང་བྱེད་དོ་ཞེས་བྱ་བ་ནི་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་ཡི་དྭགས་ངན་སོང་དང་། ངན་འགྲོ་དང་ལོག་པར་ལྟུང་བ་དག་ཏུ་སྲེག་པར་བྱེད། འཚེད་པར་བྱེད། ལྟུང་བར་བྱེད་པའོ། །གཞན་ཡང་ལྟུང་བ་དེ་མ་བཤགས་ཤིང་སོ་སོར་མ་བཤགས་ན་དགེ་བའི་ཆོས་རྣམས་ལ་སྒྲིབ་པར་བྱེད་པ་སྟེ། དེས་ན་ལྟུང་བྱེད་ཞེས་གསུངས་སོ། །ཞེས་གསུངས་པ་ལྟར་རོ། ། (རྗེ་བཙུན་འདུལ་བ) བསྙེན་རྫོགས་ཀྱི་རྟེན་ལ་འབྱུང་བའི་དངོས་གཞི་ཡོངས་སུ་རྫོགས་པའི་ལྟུང་བ་གང་ཞིག དགེ་འདུན་ལྷག་མ་ལས་ཡང༌། སོར་བཤགས་ལས་ལྕི་བ་དེ། ལྟུང་བྱེད་ཀྱི་མཚན་ཉིད། དབྱེ་ན། སྤང་ལྟུང་དང༌། ལྟུང་བྱེད་འབའ་ཞིག་པ་གཉིས་ཡོད།