10959

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྟེ་བ་སྤྲུལ་པའི་འཁོར་ལོ
Tibetan Definition (དགེ་ལུགས) ལྟེ་བ་སྤྲུལ་པའི་འཁོར་ལོ་རྩ་འདབ་རེ་བཞི་པ་གདུགས་ཁ་གྱེན་དུ་བསླང་བ་ལྟ་བུ། དེ་ནི་ལྟེ་བའི་བུག་པའི་ཐད་ཀྱི་རྩ་དབུ་མ་ལས་ཕྱོགས་བཞིར་བཞི། དེ་ལས་བརྒྱད། དེ་ལས་བཅུ་དྲུག དེ་ལས་སོ་གཉིས། དེ་རེ་རེ་ལས་གཉིས་གཉིས་གྱེས་པས་ལྟེ་བ་སྤྲུལ་པའི་འཁོར་ལོ་རྩ་འདབ་རེ་བཞི་པའོ། །སྒྲ་བཤད་ནི། བདེ་ཆེན་སྤྲུལ་པའམ་བསྐྱེད་པའི་གཞི་གཏུམ་མོ་ལྟེ་བར་གནས་ཤིང་དབྱིབས་འཁོར་ལོ་ལྟར་ཡོད་པས་དེ་སྐད་ཅེས་བྱའོ། ། (བཀའ་བརྒྱུད) ལུས་ཀྱི་ལྟེ་བའི་ཐད་ན་གནས་ཤིང༌། ལུས་བསྐྱེད་ཅིང་སྤྲུལ་པ་དང༌། རྩ་དབྱིབས་འཁོར་ལོ་ལྟ་བུར་ཡོད་པས་སམ། རྩ་དེ་ལ་གནད་དུ་བསྣུན་པས་སད་པའི་གནས་སྐབས་ཀྱི་སྤྲུལ་པའི་སྐུའི་དགོངས་པ་འཆར་ཞིང༌། སྤང་བྱ་མི་མཐུན་ཕྱོགས་འཇོམས་པར་བྱེད་པས་འཁོར་ལོའོ། །ཞེས་འབྱུང༌།