1096

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཙུག་ལག་ཁང༌
Tibetan Definition <བི་ཧཱ་རཾ> (འདུལ་བ) 1 ལྷ་ཁང༌། ལྷ་སའི་གཙུག་ལག་ཁང་ཞེས་པ་ལྟ་བུ། བི་ཧཱ་རཾ་ཞེས་གཙུག་ལག་ཁང་གི་སྐད་དོད་དུ། བྱེ་བྲག་རྟོགས་བྱེད་ཆེན་པོ་༡༢༧ན༡ལས་བཤད་དོ། །2 འགའ་ཞིག་གིས། འདུལ་བ་ལུང་སྡེ་བཞིའི་གླེགས་བམ་བཞུགས་ན་གཙུག་ལག་ཁང་ཡིན་གསུང་མཁན་ཡང་སྣང༌། 2 བྲང་ཁང༌། གྲྭ་ཤག དཔའ་བོ་གཙུག་ལག་འཕྲེང་བས་གྲྭ་ཤག་ལ་བཤད་དེ། གཙུག་ལག་ནི་གཞུང་ལུགས་ཀྱི་མིང་གི་རྣམ་གྲངས་ཡིན་ལ་དེ་འཛིན་པའི་གང་ཟག་གི་གནས་ནི་གཙུག་ལག་ཁང་པ་ཞེས་བྱའོ། །བོད་ཕྱི་རབས་འདི་ན་འདུལ་བའི་ལུང་སྡེ་བཞིའི་གླེགས་བམ་བཞུགས་ན་གཙུག་ལག་ཁང་ཡིན་ནོ་ཞེས་མཁས་པར་རློམ་པ་མཐའ་དག་གིས་མགྲིན་གཅིག་ཏུ་སྒྲོག་ཅིང་བླུན་པོ་དག་གིས་དེའི་རྗེས་ཟློས་བྱེད་མོད་ཀྱང་དེ་དག་གིས་ནི་འདུལ་བ་མི་ཤེས་པར་གསལ་ཏེ་འདི་ནི་ཉེར་དགའི་གཙུག་ལག་ཁང་ངོ་འདི་ནི་དགའ་བོའིའོ་འདི་ནི་ཁོ་བོའི་གཙུག་ལག་ཁང་སྟེ་ཞེས་བྲང་ཁང་ལ་གཙུག་ལག་ཁང་དུ་བཤད་པ་མ་ཐོས་པར་ཟད་ཅིང༌། ཕྱི་རོལ་པའི་གཙུག་ལག་ཁང་ཞེས་བཤད་པ་རྣམས་དྲན་པར་བྱོས་ཤིག་ཅེས་ཀྱང་གསུངས་སོ། །སྒྲ་བཤད་ནི། གཙུག་ལག་ནི་སངས་རྒྱས་ཀྱི་གསུང་རབ་ཡིན་ལ་དེ་བཞུགས་སའི་གནས་ཡིན་པས་གཙུག་ལག་ཁང་ཞེས་བྱའོ། །