10965

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྟོ་འཕྱེ་ཆེན་པོ
Tibetan Definition <མཧོརག> དགའ་བོ་ལ་སོགས་པ་ཀླུ་ཆེན་པོ་རྣམས། རྗེའི་གསུང་ལ་གཞི་བྱས། འདུལ་བ་གཞི་རྒྱ་ཆེར་འགྲེལ་ལས། ལྟོ་འཕྱེ་ཆེན་པོ་ཞེས་བྱ་བ་ནི་ཀླུ་ཆེན་པོ་སྟེ། དགའ་བོ་དང༌། ཉེ་དགའ་ལ་སོགས་པ་ཀླུའི་བདག་པོ་རྣམས་སོ། །ཞེས་གསུངས། ལྟོ་འཕྱེ་ཆེན་པོ་ལ་ལེགས་སྦྱར་དུ་མཧོརག་ཞེས་བྱ་ལ། མཧ་ནི་ཆེན་པོ། ཨུརག་ནི་ལྟོས་འགྲོ་ལ་བྱ་སྟེ། ཀླུ་འབྲུག་གི་ཁམས་སུ་གཏོགས་པ་སྟེ། སྦྲུལ་ཆེན་པོ་ཡིན་པས་ན་ལྟོ་འཕྱེ་ཆེན་པ་ཞེས་བྱ། ཞེས་བྱེ་བྲག་རྟོགས་བྱེད་འབྲིང་པོ་ཤོག་གྲངས་༡༥༥རྒྱབ་གཟིགས་སུ་གསལ།