10980

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྡེ་གུ
Tibetan Definition <པྲ་ཧེ་ལི་ཀཿ> 1 སྐྱོ་མའི་མིང་། ལྡེའུ་ཞེས་ཀྱང་འབྲི། བྱེ་བྲག་རྟོགས་བྱེད་ཆེན་པོ་༡༠༤བ༢ན་ལྡེའུ་ཞེས་ཀྱང་སྣང་། 2 ཁུ་བ་གར་པོ། འདི་ལ་སྐུ་སྐ་ཡང་ཟེར། 3 ཙནྡན་གྱི་ཕྱེ་མ་ཆུར་སྦངས་པའི་སྐྱོ་མ་ལ་ཟེར། དོགས་གཅོད་རྒྱས་པར་དྲི་ཆབ་ཅེས་པའི་ཐད་དུ་གཟིགས། 4 དྲི་བཟང་སྦངས་པའི་ཆུ་ལ་བཤད་ཀྱང་། རྗེའི་ལམ་རིམ་ཆེན་མོ་ལས་ཀྱང་། བ་བྱུང་ལྔས་བསྐྱང་ནུལ་དང་བྱུག་པ་བྱས་ལ་ཙན་དན་ལ་སོགས་པའི་དྲིའི་ཆུ་ཕུལ་དུ་བྱུང་བས་ཀྱང་བྱུག་ཅིང་དྲི་ཞིམ་པོའི་མེ་ཏོག་སིལ་མ་གཏོར་ལ། ཞེས་གསུངས།