10990

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྡོག་པ་གཅིག་པའི་དཔུང་འཕུལ
Tibetan Definition རིགས་འདྲའི་སྒྲུབ་བྱེད་ནུས་མེད་དུ་མ་བཀོད་པའི་དོན་ཡིན། སྤྱིར་རིགས་གཅིག་པ་ལ་ལྡོག་པ་རིགས་གཅིག་པ་དང་། རྫས་རིགས་གཅིག་པ་གཉིས་ཡོད་ཅིང་། བློ་ལྷན་སྐྱེས་ལ་འདྲ་བར་ངང་གིས་སྣང་བའི་ཆོས་ཐ་དད་པ་ལ་ལྡོག་པ་རིགས་གཅིག་པ་དང་། ཉེར་ལེན་གཅིག་ལས་སྐྱེས་པའི་ཆོས་ཐ་དད་པ་ལ་རྫས་རིགས་གཅིག་པ་ཞེས་བཤད་དོ། །ཞེས་དབྱངས་ཅན་དགའ་བའི་བློ་གྲོས་ཀྱི་€བྱང་ཆུབ་ལམ་རིམ་ཆེན་མོ་ལས་བྱུང་བའི་བརྡ་བཀྲོལ་ཉེར་མཁོ་བསྡུས་པ༤༩ན༡ལས་གསུངས་སོ། །ཡང་འགའ་ཞིག་གིས། རིགས་འགྲེའི་སྒྲུབ་བྱེད་མང་པོ་དཔུང་བསྒྲིགས་ནས་ཕྱོགས་འཕུལ་བྱེད་པའི་དོན་ཡིན་ཟེར། གོང་གི་དེ་དང་ཕལ་ཆེར་དོན་འདྲའོ། །