10991

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྡོག་པ་དང་ཟློག་པའི་ཁྱད་པར
Tibetan Definition ལྡོག་པ་ནི་བྱེད་པ་པོ་དང་མ་འབྲེལ་བ་སྟེ། རང་བཞིན་གྱིས་ལྡོག་པའི་དོན་དང་། ཅིག་ཤོས་ནི་བྱེད་པ་པོ་དང་འབྲེལ་བ་སྟེ། ཟློག་བྱེད་ཀྱི་བྱེད་པོ་ཞིག་གིས་ལྡོག་པར་བྱེད་པའི་དོན་སྟོན་པའོ། །དཔེར་ན་རྗེའི་སྔགས་རིམ་ཆེན་མོ་༧ན་ལས། ཕུང་པོ་བདེན་འཛིན་གྱིས་འཁོར་བར་འཆིང་བ་དང་འཁོར་བ་ལས་ཐར་བ་ལ་དེའི་རྩ་བ་བདེན་འཛིན་གྱི་སྤྲོས་པ་ལྡོགདགོས་ལ། དེ་རང་བཞིན་གྱིས་སྟོང་པའི་དོན་རྟོགས་པས་ཟློགཔར་གསུངས་པའི་ཕྱིར་རོ། །ཞེས་གསུངས་པ་ལྟ་བུའོ། །