10998

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྡོབ་སྐྱེན་པ
Tibetan Definition མྱུར་བར་ལོབས་པ། ལོབ་སྐྱེན་པ་ཞེས་པའི་དོན། ལྡོབ་སྐྱེན་པ་ནི་དོན་དུ་ལོབ་སྐྱེན་པ་ཞེས་པ་ཡིན་ལ། དེ་ཡང་མིང་གཞིའི་ད་ཡིག་དོར་ནས། ལོབ་ཅེས་བརྗོད་པ་ཡིན་ཏེ། དཔེར་ན་ལྡང་བ་ཞེས་པའི་མིང་གཞིའི་ད་ཡིག་དོར་ནས། ལང་བ་ཞེས་བརྗོད་པ་བཞིན་ནོ། །ལོབ་དང་། ལོབས་གང་བྲིས་ཀྱང་དག་པར་སེམས། ལོབ་པ་ནི་ཤེས་པའི་དོན་ཏེ། བསླབས་ན་ལོབ་ཅེས་པ་ལྟ་བུ། བྱེ་བྲག་རྟོགས་བྱེད་ཆེན་པོ་༥༢བ༢ན་གསལ།