11003

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྷ
Tibetan Definition <དེ་ཝཿ> 1 འཁོར་བའི་སྐྱེ་གནས་བཟང་ཤོས་ཤིག ལེགས་སྦྱར་དུ་འདི་ལ་མིང་གི་རྣམ་གྲངས་ “देवः” དེ་ཝཿ “सुरः” སུ་རཿ “अमरः” ཨ་མརཿསོགས་མང་དུ་སྣང་། ལེགས་སྦྱར་དུ་དེ་རྩེ་ཞིང་རོལ་པར་བྱེད་པས་ན་ལྷ་ཞེས་བྱ་བའམ། ཡང་ན་དེ་བཽ་ཀསྲ་ཏེ་དེ་རྣམས་ཀྱི་ཁྱིམ་མཐོ་རིས་སུ་ཡོད་པས་མཐོ་རིས་གནས་བྱེད་དམ་མཁའ་ཁྱིམ་པ་ཞེས་བྱའོ། །ཡང་འགའ་ཞིག་གིས། ལུས་ལ་འོད་དང་ལྡན་པས་ན་ལྷ་ཞེས་བརྗོད་པ་ཡིན་ཞེས་ཀྱང་སྣང༌། 2 རྒྱལ་པོ་ལའང་འཇུག རྒྱལ་པོ་ལ་ལྷ་ཟེར་བ་འདི་རྒྱ་གར་བའི་ལུགས་སྲོལ་ཡིན་མོད། བོད་དུའང་ཐ་སྙད་འདི་ཡོད་པ་དཔེར་ན། སྨན་པ་ལ་ལྷ་རྗེ་ཟེར་བ་ལྟ་བུ། དེ་ལ་ལྷ་རྗེ་ཟེར་དགོས་དོན་ནི། ལྷ་ནི་རྒྱལ་པོ་ཡིན་ལ་དེའི་རྗེའམ་གོང་དུ་བཀུར་ཡུལ་ཡིན་པས། རྒྱལ་པོའི་རྗེའམ་ལྷ་རྗེ་ཟེར་བ་རེད།