11012

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྷ་དང་ལྷ་མིན་ཅོད་པན་གྱིས་ཞེས་སོགས
Tibetan Definition ལྷ་དང་ལྷ་མིན་ཅོད་པན་གྱིས། །ཞབས་ཀྱི་པད་མོ་ལ་བཏུད་ནས། །ཕོངས་པ་ཀུན་ལས་སྒྲོལ་མཛད་མ། །སྒྲོལ་མའི་ཡུམ་ལ་ཕྱག་འཚལ་ལོ། །ཞེས་པའི་ཚིགས་བཅད་འདི་རྗེ་བཙུན་མ་ཉིད་ཀྱིས་རྗེས་སུ་བཟུང་བའི་རྒྱ་གར་གྱི་སློབ་དཔོན་ཉི་མ་སྦས་པས་གསུངས། ཞེས་ཀློང་རྡོལ་བླ་མའི་གསུང་འབུམ་གླེགས་བམ་གཉིས་པ་༦༠༩ལས་བཤད། གཞན་ཡང་། ལྷ་དང་ལྷ་མིན་ཅོད་པན་གྱིས། །ཞེས་སོགས་ཀྱི་ཚིགས་བཅད་གཅིག་པོ་འདི། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་༼ འཕགས་པ་སྒྲོལ་མ་ལ་བསྟོད་པ ༽ཞེས་བྱ་བའི་བསྟོད་པ་འདིའི་དབུར་གསུངས་ཡོད། འདི་བསྟན་འགྱུར་རྒྱུད་༼ མུ ༽༣༢༣ན༡ན་བཞུགས་ཤིང་། འོན་ཀྱང་ཚིག་རིས་རེ་ཟུང་མི་འདྲ་བ་ཡོད་པ་འདི་ལྟར། རྗེ་བཙུན་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །ལྷ་དང་ལྷ་མིན་ཅོད་པན་གྱིས། །ཞབས་ཀྱི་པད་མོ་ལ་བཏུད་དེ། །ཕོངས་པ་ཀུན་ལས་སྒྲོལ་མཛད་ཅིང་། །སྒྲོལ་མ་ལ་ནི་ཕྱག་འཚལ་ལོ། །ཞེས་གསུངས།