11017

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྷ་བབས་མཆོད་རྟེན
Tibetan Definition མཆོད་རྟེན་ཆ་བརྒྱད་ཀྱི་ལྔ་པ་སྟེ། སྟོན་པ་ཐུབ་པའི་དབང་པོ་སུམ་རྩེན་དུ་དབྱར་གནས་མཛད་དེ་ཡུམ་བདེན་པ་ལ་བཀོད་ཅིང་སྔ་དྲོ་དགག་དབྱེ་མཛད། ཕྱི་དྲོ་འཛམ་བུའི་གླིང་དུ་ཕེབས་པའི་ཚེ་བཞེངས་པ། བང་རིམ་བཞིའམ་བརྒྱད་པ་ངོས་རེར་གློ་འབུར་དང་བཅས་པའི་གློ་འབུར་གྱི་དབུས་ན་ཐེམ་སྐས་ཡོད་པའི་མཆོད་རྟེན་ནོ། །དེ་ལ་སུམ་ཅུ་རྩ་གསུམ་ལྷ་ཡི་མཆོད་རྟེན་ཡང་ཟེར།