11022

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྷ་མ་ཡིན
Tibetan Definition འགྲོ་བ་རིགས་དྲུག་གི་ཡ་གྱལ་ཞིག དེའི་སྡུག་བསྔལ་ནི། རྗེའི་ལམ་རིམ་ཆེན་མོ་ལས། ལྷ་མ་ཡིན་གྱི་སྡུག་བསྔལ་ནི། བཤེས་སྤྲིངས་ལས། ལྷ་མིན་དག་ནའང་རང་བཞིན་གྱིས་ལྷ་ཡི། །དཔལ་ལ་སྡང་ཕྱིར་ཡིད་ཀྱི་སྡུག་བསྔལ་ཆེ། །དེ་དག་བློ་དང་ལྡན་ན་འང་འགྲོ་བ་ཡི། །སྒྲིབ་པས་བདེན་པ་མཐོང་བ་མ་མཆིས་སོ། །ཞེས་གསུངས་པ་ལྟར་ཡིན་ཏེ། དེ་ཡང་ལྷ་རྣམས་ཀྱི་དཔལ་འབྱོར་མི་བཟོད་པའི་ཕྲག་དོག་གིས་ཡིད་གདུང་ལ། དེ་ལ་བརྟེན་ནས་ལྷ་དང་འཐབ་པ་ན་ལུས་བཅད་པ་དང་དྲལ་བ་ལ་སོགས་པའི་སྡུག་བསྔལ་དུ་མ་མྱོང་བ་དང༌། དེ་རྣམས་ཤེས་རབ་དང་ལྡན་ཡང་རྣམ་སྨིན་གྱི་སྒྲིབ་པ་ཅན་ཡིན་པས་རྟེན་དེ་ལ་བདེན་པ་མཐོང་དུ་མི་རུང་ངོ། །འདི་དྲན་པ་ཉེར་གཞག་ལས་དུད་འགྲོར་གསུངས་ལ། རྣལ་འབྱོར་སྤྱོད་པའི་ས་ལས་ལྷའི་འགྲོ་བར་བཤད་དོ། །ཞེས་གསུངས་སོ། །