11031

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྷ་མོ་ལ་གུས་མ
Tibetan Definition ལྷ་མོ་ལ་གུས་ཡང་དག་ལྡན་པའི། །བློ་ལྡན་གང་གིས་རབ་ཏུ་བརྗོད་པས། །སྲོད་དང་ཐོ་རངས་ལངས་པར་བྱས་ནས། །དྲན་པས་མི་འཇིགས་ཐམས་ཅད་རབ་སྟེར། །སྡིག་པ་ཐམས་ཅད་རབ་ཏུ་ཞི་བ། །ངན་འགྲོ་ཐམས་ཅད་འཇོམས་པ་ཉིད་དོ། །ཞེས་སོགས་ཀྱི་སྒྲོལ་མ་ཉེར་གཅིག་གི་ཕན་ཡོན་འདི། སངས་རྒྱས་ཉིད་ཀྱིས་གསུངས་པའི་རྒྱུད་ཀྱི་གཞུང་ཚིག་ཡིན། འདི་རྒྱུད་འབུམ་༼ཅ༽པ་༤༣བ༣ན་བཞུགས་ཤིང་། མཇུག་བྱང་དུ། བཅོམ་ལྡན་མ་སྒྲོལ་མ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བསྟོད་པ་གསུངས་པ་རྫོགས་སོ། །ཞེས་འཁོད་ཡོད།