11036

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྷ་ཚེ་རིང་པོ
Tibetan Definition མི་ཁོམ་པ་བརྒྱད་ཀྱི་ཡ་གྱལ་ཏེ། འདུ་ཤེས་མེད་པ་བའི་མིང་ཡིན་ལ། དེ་ནི་བསམ་གཏན་བཞི་པའི་གནས་འབྲས་བུ་ཆེ་བའི་ཕྱོགས་གཅིག་ན་གྲོང་ལས་དགོན་པའི་ཚུལ་དུ་ཡོད་ཅིང་། དེར་སྐྱེས་མ་ཐག་དང་འཆི་བའི་ཚེ་མ་གཏོགས་པ་སེམས་དང་སེམས་བྱུང་གི་རྒྱུ་བ་འགགས་ནས་བསྐལ་ཆེན་མང་པོར་གནས་པར་མངོན་པ་ནས་བཤད་དོ། །ཡང་། དགེ་བཤེས་ཤེས་རབ་རྒྱ་མཚོའི་ཡོན་ཏན་གཞིར་གྱུར་མའི་འགྲེལ་པ་ལས། སྐབས་འདིའི་ལྷ་ཚེ་རིང་པོའི་མཚན་གཞིར་འདུ་ཤེས་མེད་པ་དང་། གཟུགས་མེད་པ་དང་། རྟག་ཏུ་གཡེངས་པའི་འདོད་ལྷ་གསུམ་གསུངས་པའི་གཟུགས་མེད་པར་ཞིབ་ཆ་དགོས་ལ་གཞན་གཉིས་སྒྲ་ཇི་བཞིན་དུ་བཟུང་བས་ཆོག་སྟེ། དགེ་འདུན་ཉི་ཤུའི་བྱང་སེམས་དད་མོས་ཀྱི་མདོ་ལས་ལྷ་ཚེ་རིང་པོར་སྐྱེ་བར་གསུངས་པའི་རྩོད་སྤོང་སྐབས་ཀྱི་གསེར་ཕྲེང་སོགས་གཞུང་ལུགས་མང་པོས་གྲུབ་བོ། །ཞེས་ཀྱང་གསུངས་སོ། །