11042

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྷ་ཡི་བླ་མ
Tibetan Definition དྲང་སྲོང་ཕུར་བུ། སྔོན་བརྒྱ་བྱིན་གྱིས་དྲང་སྲོང་ཕུར་བུ་ལྷ་གཞོན་ནུ་རྣམས་ལ་ལེགས་སྦྱར་སློབ་པའི་སློབ་དཔོན་དུ་བསྐོས་པས་ལྷ་ཡི་བླ་མ་ཞེས་མིང་བཏགས། ལྷ་རམས་པ། གནའ་བོ་བོད་དུ་ལྷ་སར་སྨོན་ལམ་ཆེན་མོའི་སྐབས་གདན་ས་གསུམ་མཉམ་འཛོམས་ཀྱི་འདུས་ཚོགས་ཀྱི་དབུས་སུ་གཞུང་ཆེན་བཀའ་པོད་ལྔ་ལ་བགྲོ་གླེང་དམ་འཇོག་མཛད་པའི་གནས་རིམ་མཐོ་ཤོས་ཀྱི་དགེ་བཤེས་ཤིག སྒྲ་བཤད་ནི། ལྷ་ནི་ལྷ་ལྡན། རམས་ནི་རབ་འབྱམས་ཀྱི་བསྡུས་ཚིག་སྟེ། ལྷ་སའི་རབ་འབྱམས་པ་ཞེས་བྱ་བའི་དོན་ནོ། །ཞིབ་པར་དགེ་བཤེས་ལྷ་རམས་པ་ཞེས་པའི་ཐད་དུ་གཟིགས།