11055

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྷ་སའི་རྡོ་རིང༌
Tibetan Definition རྒྱལ་པོ་སྲོང་བཙན་སྒམ་པོ་འཁྲུངས་ནས་ལོ་ཉིས་བརྒྱ་དང་ལྔ་བཅུ་རྩ་གཉིས་འདས་པ་ལྕགས་མོ་གླང་གི་ལོ་ལ་རྒྱལ་པོ་ཁྲི་རལ་པ་ཅན་གྱིས་རྒྱ་དང་དུམས་མཛད། དེའི་ཕྱི་ལོ་ཆུ་ཕོ་སྟག་ལ་ལྷ་སའི་རྡོ་རིང་བཙུགས། ཞེས་དེབ་སྔོན་དུ་གསལ་བ་ལྟར་རོ། །ཕྱི་ལོ་༨༨༢ལོར་རྒྱལ་པོ་ཁྲི་རལ་པ་ཅན་གྱིས་རྒྱ་བོད་དབར་ཞལ་འཆམ་གྱི་ཞི་བདེའི་ཆིངས་ཡིག་འཁོད་པའི་རྡོ་རིང་གསུམ་བཙུགས། ལྷ་ལྡན་གཙུག་ལག་ཁང་གི་མདུན་དུ་སར་རྡོ་རིང་གཅིག རྒྱ་ནག་གི་རྒྱལ་པོའི་ཕོ་བྲང་གི་མདུན་དུ་གཅིག རྒྱ་བོད་ཀྱི་ས་མཚམས་རྨེ་རུ་ (ཞེས་པ་རྒྱ་ནག་གི་ཡུལ་ཡིན་པ་རྒྱལ་རབས་གསལ་བའི་མེ་ལོང་ཤོག་གྲངས་༢༣༡ན་གསལ) ཞེས་པར་རྡོ་རིང་གཅིག་བཅས་གསུམ་བཙུགས་སོ། །