From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
| ལྷ་སྐུ་ཕྱག་རྒྱ་ཆེན་པོ
|
| Tibetan Definition
|
འདི་ལ་སྐུ་ཕྱག་རྒྱ་ཆེན་པོ་དང་ཕྱག་རྒྱ་ཆེན་པོ་ཞེས་ཀྱང་བྱ། འདི་ལ་བཤད་ཚུལ་གཉིས་ཏེ། དང་པོ་ནི་ལྷ་སྐུ་ཕྱག་རྒྱ་ཆེན་པོ་ཞེས་པ། ལྷའི་སྐུ་དངོས་གནས་ལ་གྲུབ་པའི་ཞལ་ཕྱག་ཡོངས་སུ་རྫོགས་པའི་ལྷ་སྐུའམ་ཡི་དམ་གྱི་ལྷ་ལ་ཟེར་བ་ཞིག་དང༌། ཡང་ན་རང་གི་ཐ་མལ་པའི་ལུས་ལྷའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་དུ་བསྒོམས་ནས་ང་རྒྱལ་དང་གསལ་སྣང་་བརྟན་པོ་ཐོབ་ནས་རེག་མཐོང་ལྟ་བུའི་མཚན་མ་བརྟན་པོ་རྙེད་པ་ན། སྐུ་ཕྱག་རྒྱ་ཆེན་པོ་ཞེས་བྱ་སྟེ། ཀློང་རྡོལ་བླ་མས། ཐ་མལ་ལུས་ལ་རྟེན་དང་བརྟེན་པའི་ལྷར། །གསལ་སྣང་ང་རྒྱལ་བརྟན་པོས་རིམ་སྦྱངས་པས། །རེག་མཐོང་ལྟ་བུའི་མཚན་མ་རྙེད་པ་དང༌། །དེ་ལ་སྐུ་ནི་ཕྱག་རྒྱ་ཆེན་པོ་ཟེར། །ཞེས་གསུངས་པ་ལྟར་རོ། །འདི་ལ་སྐུ་ཕྱག་རྒྱ་ཆེན་པོ་ཡང་ཟེར།
|