11066

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྷག་བཅས་ཀྱི་སྒྲ
Tibetan Definition (བརྡ་སྤྲོད) བསྟན་བྱའི་ལྷག་མ་འདྲེན་པའི་ཕྲད་གཞན་དབང་ཅན་ཞིག་ལ་ཟེར། ཏེ། དེ། སྟེ། བཅས་ཚིག་ཕྲད་གསུམ་ཡོད། ལྷག་བཅས་ལ་དབྱེ་ན་བཞི་སྟེ། མཚམས་སྦྱོར་ལྷག་བཅས་ནི། དཔེར་ན་འཕར་ “ཏེ” ་འགྲོ། ཆོས་བཤད་ “དེ” གོ་ལྟ་བུ། དམ་བཅའ་ལྷག་བཅས་ནི། དཔེར་ན་དངོས་པོ་ནི་གསུམ་ “སྟེ” ། བེམ་པོ་དང༌། ཤེས་པ་དང༌། ལྡན་མིན་འདུ་བྱེད་དོ་ལྟ་བུ། གཞན་འདྲེན་ལྷག་བཅས་ནི། དཔེར་ན་ཁྱོད་ནི་དཔལ་ “ཏེ” ཁྱོད་ནི་མགོན་ལྟ་བུ། བོད་རྒྱ་ཚིག་མཛོད་ཆེན་མོར། ཚིག་ཕྲད། ནས། ལས། གཉིས་ཀྱང་ལྷག་བཅས་ཀྱི་སྒྲར་བཞག་ཡོད། དཔེར་ན་མིག་གིས་བལྟས་ “ནས” མཐོང༌། ལག་པ་བཀྲུས་ “ལ” ལྟོ་བཟས་ལྟ་བུ།