11069

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྷག་བསམ་རྣམ་དག
Tibetan Definition 2 རྒྱུ་འབྲས་མན་ངག་བདུན་གྱི་དྲུག་པ། སེམས་ཅན་ཐམས་ཅད་སྡུག་བསྔལ་རྒྱུ་དང་བཅས་པ་ལས་བྲལ་ན་ཅི་མ་རུང༌། འབྲལ་བར་བདག་གིས་བྱའོ་སྙམ་པའི་བསམ་པ། སྒྲ་བཤད་ནི། སྙིང་སྟོབས་ཀྱི་བསམ་པ་ལྷག་པས་ན་ལྷག་བསམ་ཞེས་བྱའོ། །འོ་ན་དེ་ལྟ་བུའི་སྙིང་སྟོབས་ཀྱི་བསམ་པ་དེ་གང་ཞེ་ན། སེམས་ཅན་ཐམས་ཅད་ཀྱི་དོན་བདག་གཅིག་པུས་བྱའོ་སྙམ་པའི་ཁུར་ཁྱེར་གྱི་བསམ་པ་དེའོ། །རྗེའི་ལམ་རིམ་ཆེན་མོ་ལས། སེམས་ཅན་བདེ་བ་དང་ཕྲད་པ་དང་སྡུག་བསྔལ་དང་བྲལ་ན་སྙམ་པའི་བྱམས་པ་དང་སྙིང་རྗེ་ཚད་མེད་པ་ནི་ཉན་ཐོས་དང་རང་སངས་རྒྱས་ལའང་ཡོད་ཀྱང༌། སེམས་ཅན་ཐམས་ཅད་ལ་བདེ་བ་བསྒྲུབ་པ་དང་སྡུག་བསྔལ་སེལ་བ་རང་གི་ཁུར་དུ་བཞེས་པ་ནི་ཐེག་ཆེན་པ་མིན་པ་ལ་མེད་པས་སྙིང་སྟོབས་ཀྱི་བསམ་པ་ལྷག་པའི་ལྷག་བསམ་བསྐྱེད་དགོས་སོ། །ཞེས་གསུངས་པ་ལྟར་རོ། །