1107

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཞན་གྲགས་ཀྱི་གཏན་ཚིགས
Tibetan Definition གྲངས་ཅན་པ་དང་དབུ་མ་པ་རྩོད་པའི་ཚེ་ན། གཞན་གྲགས་ཀྱི་གཏན་ཚིགས་ནི། མྱུ་གུ་ཆོས་ཅན། བདག་ལས་མི་སྐྱེ་སྟེ། ཡོད་པའི་ཕྱིར། དཔེར་ན་བུམ་པ་བཞིན་ཞེས་པ་ལྟ་བུ། ཡང་ན། བདག་ལས་སྐྱེ་བར་འདོད་པའི་མྱུ་གུ་དེ་ནི་ཆོས་ཅན། བདག་ལས་སྐྱེ་བ་མེད་དེ། རང་གི་བདག་ཉིད་དུ་ཡོད་པའི་ཕྱིར། ཞེས་པ་ལྟ་བུའོ། ། སྒྲ་བཤད་ནི། གཞན་ལ་གྲགས་པའི་ཆོས་ཅན་དང་རྟགས་ལ་སོགས་པ་བརྗོད་ནས་ཕ་རོལ་པོ་འགོག་པས་དེ་ལྟར་བཏགས་སོ། །དབུ་མ་ཐལ་རང་གཉིས་རྩོད་པའི་ཚེ་ན། གཞན་གྲགས་ཀྱི་གཏན་ཚིགས་ནི། མིག་ཆོས་ཅན། སྔོན་པོ་ལ་མི་ལྟ་སྟེ། རང་ལ་མི་ལྟ་བའི་ཕྱིར། དཔེར་ན་བུམ་པ་བཞིན་ཞེས་པ་ལྟ་བུའོ། །འདིར་གཞན་གྲགས་ཀྱི་སྒྲ་བཤད་ནི། མིག་རང་གི་ངོ་བོས་གྲུབ་པའི་ཡུལ་ལ་ལྟ་བ་དེ། རང་ལུགས་ལ་གྲགས་པའམ་གྲུབ་པ་མ་ཡིན་ལ། གཞན་རང་བཞིན་གྱིས་གྲུབ་པར་སྨྲ་བ་ཁོ་ན་ལ་གྲགས་པ་སྟེ་གྲུབ་པས་གཞན་གྲགས་ཞེས་བརྗོད་དོ། །