11075

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྷག་མཐོང་ཆེ་ཆུང
Tibetan Definition རྗེ་ཙོང་ཁ་པ་ཆེན་པོའི་ལམ་རིམ་ཆེ་ཆུང་གི་ལྷག་མཐོང་གི་སྐབས་ཀྱི་གཞུང་ཚན་ལ་ཟེར། ཐ་སྙད་འདི་ཡང་དུས་ཕྱིས་སུ་བྱུང་བ་ཞིག་མིན་པར། རྗེ་རིན་པོ་ཆེ་དང་མཁས་གྲུབ་ཆོས་རྗེའི་སྐུ་དུས་ནས་ཡོད་དེ། མཁས་གྲུབ་རྗེའི་ལྟ་ཁྲིད་མུན་སེལ་སྒྲོན་མེ་༦ན༤ལས། རྒྱས་པར་རྗེ་ཉིད་ཀྱི་ལྷག་མཐོང་ཆེ་ཆུང་གཉིས་ལས་ཞིབ་པར་གསུངས་པ་ལ་ཉན་པ་དང་ལྟ་བ་དང་སེམས་པས་ཤེས་པར་བྱ་དགོས་སོ། །ཞེས་གསུངས་པས་གསལ་བར་ཤེས་ནུས་སོ། །